ཆབ་བྲག་བརྩོན་འགྲུས་ཀྱི་སྙན་ཚིག་འགའ།

 

ཁ་པར་ལས་རྙེད་པའི་དྲན་ཤིང་དམར་པོ

ཁ་བ་ལྷབ་ལྷུབ་འབབས་པའི་དུས་ཚིག་འདིར
རྒྱང་རིང་རྒྱང་རིང་ནས་རྙེད་པའི་དྲན་ཤིང་གི་ལོ་མ་དམར་པོ
དུས་རབས་ཀྱི་འགྱུར་ཁུག་རེ་རེ་ནས
དེང་རབས་ཀྱི་སྐུད་ལམ་རྒྱུད་དེ
ཁྱོས་གདངས་མ་ཡལ་བའི་ཁོའི་ཕ་སྐད་གཙང་མ
གླིང་བུ་སྙན་མོའི་རོལ་དབྱངས་ཇི་བཞིན
ངའི་བརྩེ་དུང་གི་ཞིང་སར
རེ་སྒུག་གི་འབྲས་བུ་ཇི་བཞིན་འཐིམ་སོང་

< br>ཆུ་ཕྲན་དྭངས་མོ་ཞིག་གི་བཞུར་སྒྲ་དང་ལྷན་དུ
སྙན་ལྷང་ལྷིང་གི་ཁ་པར་གྱི་སྒྲ་དབྱངས་དེས
ཁུ་སུམ་གྱི་སྨག་རིམ་ན་ཡོད་པའི་ང་
སྙིང་སྟོབས་དང་འཚོལ་སྙེགས་གླེང་
དགོད་སྒྲ་སློང་
འདི་ངའི་དྲན་ཤིང་ཡིན
རོགས་ཆུང་ལོ

ངའི་སེམས་ནང་གི་ཟླ་བ་དཀར་པོ
ངའི་སྙིང་གི་ཕྱེད་ཀར་གྱུར
ཟླ་བ་མེད་པའི་མཚན་མོ་ཡང་
སྙིང་གཏམ་གྱི་ཚིག་འབྲི་རེ་རེ
ཟླ་འོད་ཇི་བཞིན་གསལ་ལྷ ང་ལྷིང་ངེར
ངའི་དྲན་པའི་རྨ་ཁར་འོད་ལམ་ལམ་འཕྲོ
རོགས་ཆུང་ལོ

ཁྱོས་ང་བརྩེ་དུང་གི་དྲན་ཤིང་བཞག་པས
ངའི་དམ་བཅའ་དང་ཕྱི་ཐག་རིང་མོར་འཁྲེངས་ཡོད
རོགས་ཆུང་ལོ     རོགས་ཆུང་ལོ

ཇིང་སྲས་མིག་གསུམ་པར
སྨན་ཤར་བསོད་ནམས་སྒྲོལ་མས།
༢༠༠༩     ༡༣

བུ་མོ་མཚོ་རིས།

ཕྱིར་མིག་མེད་པའི་ལོ་ཟླ་དེར་ཕྱིར་དྲན་རེ་བྱས་ན་རླུང་འཁོར་དེའི་འཚང་ཁའི་ཁྲོད་ངོ་ཤེས་པ་ནས་བཟུང་ནམ་རྒྱུན་དྲན་བཞིན་པའི་ཁྱོད་ངའི་སྙིང་ཁར་ན་ཟུག་མེད་པར་ག་ལེར་འཛུལ་བྱུང་། བུ་མོ་མཚོ་རིས

ང་ཚོ་འཚམས་རེ་གྲང་རག་དང་ངལ་དུབ་གི་མནར། ལན་རེ་ཚ་བ་དང་དུག་སྦྲང་གི་གཙེས།
ད་དུང་ཁྱོད་ཀྱི་མིག་ཁར་བཟོས་པའི་དུག་སྦྲང་གི་རྨ་རྗེས་ཏེ་ཏག་ཏག་ང་ལ་བཞག་པའི་བརྩེ་དུང་གི་དྲན་ཤིང་ཡིན་པ་འདྲ། འཁྱམ་པོ་ངས་ལོ་ཟླ་ཅི་ཙམ་ཉར་དགོས་བྱུང་། བུ་མོ་མཚོ་རིས།

ཉིན་མཚན་མེད་པར་དལ་འགྲོ་ཇི་བཞིན་རེ་སྒུག་གི་ཞིང་སར་བསྙེགས་དུས། ངས་ཚོར་བ་ནི་དྲོད་མ་ཡལ་བའི་དུངས་ཤ་
ལྷོད་པོ་དེ་ཡིན་ལ། ངས་མྱོང་བ་ནི་ནེམ་ནེམ་འགུལ་བའི་བྲང་གཞུང་སྣུམ་པོ་དེ་ཡིན། བུ་མོ་མཚོ་རིས།

ང་ཁྱོད་གྱི་མིག་ཟུང་ལ་གྱེར་བཞིན
ཁྱོད་ང་ཡི་སྙིང་གཏམ་ལ་ཆགས་བཞིན
ཀྱག་ཀྱོག་ཆེ་བའི་ལམ་ཁ་དེ
སྐར་ཆ་ལྟར་རྫོགས་དུས
མིག་ཆུ་གང་མང་ཞིག
སྦྲང་ཆར་བཞིན     གཙང་པོ་བཞིན
ངའི་བརྩེ་དུང་གི་ཞིང་སར་བབས་དུས
ངས་ཁྱོད་མི་དྲན་་མེད་རེད།
བུ་མོ་མཚོ་ཡག    བུ་མོ་མཚོ་ཡག

 

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php